Skip to main content

འཁོར་བར་ཞན་ལོག་དང་ ཨ་མ་དྲན་པའི་གླུ་དབྱངས། །

         བྱམས་བརྩེ་ཅན་གྱི་སྐྱོང་བའི་མ། །བརྩེ་བ་ཡོད་ལ་བྱམས་པ་ཡོད། །

བརྩེ་སེམས་ལྡན་པའི་ཨ་མ་འདི། །ཨ་མ་ཨིན་ལ་་་་་ངེད་ཨ་མ། །༢

ཨ་་་མ་་ངའི་ཨ་མ། །བརྩེ་བ་ཡོད་ལ་བྱམས་པ་ཡོད། །ཨ་་་མ་་་་་ངའི་ཨ་མ། །༢

ཤ་ཚ་སྙིང་ལས་སྐྱོང་བའི་མ། །ང་བརྩེ་བའི་ཨ་མ་དྲན་སོང་། །

སྙིང་ལས་གཅེས་པའི་ཨ་མ་འདི། །ཨ་མ་ཨིན་ལ་་་་་་ངེད་ཨ་མ། །༢

ཨ་་་མ་་་་ངའི་ཨ་མ། །བརྩེ་བ་ཡོད་ལ་བྱམས་པ་ཡོད། །ཨ་་་མ་་་་ངའི་ཨ་མ། །༢

ལུས་སེམས་སྐྱོང་བའི་ཨ་མ་ཁྱོད། །ཧིང་ལས་ཕང་པའི་ཨ་མ་ཁྱོད། །

ཨ་མའི་བཀའ་དྲིན་སེམས་ལུ་ཡོད། །ཨ་མ་ཨིན་ལ་་་་་ངེད་ཨ་མ། །༢

ཨ་་་མ་་་་་ངའི་ཨ་མ། །བརྩེ་བ་ཡོད་ལ་བྱམས་པ་ཡོད། །ཨ་་་མ་་་་ངའི་ཨ་མ། །༢

སྙིང་བརྩེ་ཅན་གྱི་ཨ་མ་གིས། །ལྟོ་གོས་ཀྱི་ཕུད་དང་ཟས་ཀྱི་ཕུད། །

ཚ་གྲང་སྡུག་བསྔལ་ལས་སྐྱོབ་མི། །ཨ་མ་ཨིན་ལ་་་་་ངེད་ཨ་མ། །༢

ཨ་་་མ་་་་་ངའི་ཨ་མ། །བརྩེ་བ་ཡོད་ལ་བྱམས་པ་ཡོད། །ཨ་་མ་་་་ངའི་ཨ་མ། །༢

ཟ་མ་ཤེས་སྟོན་མི་ཨ་མ། །འགྱོ་མ་ཤེས་སྟོན་མི་ཨ་མ། །

སེམས་གདིང་ལས་ཕང་མི་ཨ་མ། །ཨ་མ་ཨིན་ལ་་་་་ངེད་ཨ་མ། །༢

ཨ་་་མ་་་་ངའི་ཨ་མ། །བརྩེ་བ་ཡོད་ལ་བྱམས་པ་ཡོད། །ཨ་་མ་་་ངའི་ཨ་མ། །༢

 

སེམས་དམ་ཆོས་དྲན་པའི་བུ་ཆུང་ང་། །ལུས་དལ་འབྱོར་མི་ལུས་ཐོབ་རུ་ར། །     

    སེམས་རྣམ་གཡེང་བག་མེད་ངང་དུ་ལུས། །བདུད་ཉོན་མོངས་སྒྲིབ་པའི་ལས་ལུ་ཤོར། །

ཕྱི་བཤོལ་དང་ལེ་ལོའི་དབང་ཤོར་ཏེ། །ད་ལྷ་ཆོས་བྱས་པའི་དུས་ནི་རིང་། །                                          

 དལ་འབྱོར་གྱི་ལུས་རྟེན་སྟོང་ལོག་སོང་། །སེམས་མ་ཤི་བྱ་ཐབས་མིན་འདུག་སྨོ། །                                

སེམས་ཉོན་མོངས་དབང་དུ་མ་ཐལ་བར། །   རང་བརྒྱུད་པའི་བླ་མའི་བཀའ་དགོངས་ཚུ། །             རྣལ་འབྱོར་གྱི་སྤྱོད་པའི་མཉམ་བཞག་ནང་། །ད་སྒོམ་ཤིག་བླ་མའི་གདམས་ངག་སྒོམ། །

 གདམས་ངག་དང་མན་ངག་བསྒོམ་འདི་གིས། །ད་ཕུ་མཐའ་བཅད་དེ་ཉམས་ལེན་འབད། །                 

ཚེ་སྒྲུབ་པ་མཉམ་པའི་ཉམས་ལེན་གིས། །ད་དོན་ཆེན་སྒྲུབ་པའི་དུས་ལུ་འབབ། །                            

སེམས་ལྕགས་དཀྱུས་གཟུང་ཤིག་ད་བཟུང་ཞིག །རྣམ་གཡེང་དང་ལེ་ལོར་བྱས་མི་རིག །          

   ད་དབེན་པའི་རི་ཁྲོད་འགྲིམ་ན་ལེགས། །ད་བསམ་བློ་གཏོང་དང་བསོད་རྒྱལ་ལགས། །                       

དུས་ད་རིང་ནོར་བུའི་གླིང་སླེབ་ནས། །ལག་སྟོང་པ་མ་ལོག་ནོར་བུ་ལེན། །                                        

 བསམ་དོན་གྱིས་ཡིད་བཞིན་མ་གྲུབ་པར། །རིན་ཆེན་གྱི་མི་ལུས་ཆུད་མ་ཟད། །                                      

ད་ལོང་ཤིག་ལོང་ཤིག་ད་ལོང་ཤིག །སེམས་དྲན་པའི་ངང་ལས་ལོང་འདི་གིས། །                                    

དོན་དབུ་མའི་ལམ་བཟང་བསྒྲུབ་འདི་གིས། །འོད་གསལ་གིས་ངང་ལུ་ཉམས་ལེན་འབད། །             

Comments