Skip to main content

College Theme Song



 བསམ་རྩེ་མཐོ་རིམ་སློབ་གྲྭའི་བསྟོད་གླུ་ཡིད་འཕྲོག་མ།


གདུང་འཛིན་ལྷ་ལས་བརྒྱུད་པའི་མི་དབང་མཆོག །པད་མ་འབྱུང་དང་བླ་མའི་ལུང་བསྟན་ལས། །                              བརྒྱུད་འཛིན་གསུམ་པའི་མངའ་བདག་ཆེན་པོ་འབད། །ཕེབས་པ་འབྲུག་པའི་མི་སེར་སྐལ་བ་བཟང་། །

  མ་འོངས་འབྲུག་པའི་བསྟན་སྲིད་མི་ཉམས་དོན། །རྒྱལ་ཁབ་ཡར་རྒྱས་ཤེས་རིག་རྩ་བ་བཙུགས། །                        ཕྱི་ནང་ཤེས་བྱའི་ཡོན་ཏན་འབྱུང་གནས་ལུ། །ཐུགས་བསྐྱེད་བླ་ན་མེད་པའི་སྨོན་ལམ་བཏབ། །  

  རིག་གསར་སློབ་སྟོན་མཆོག་གྱུར་ཞིབ་འཚོལ་ཚུ། །བསམ་རྩེ་མཐོ་རིམ་སློབ་གྲྭའི་དམིགས་གཏད་ཨིན། །                མཐོ་རིམ་སློབ་གྲྭ་བཀྲ་ལ་ཤིས་པར་ཤོག །མཐོ་རིམ་སློབ་གྲྭ་གཡང་ལ་ཆགས་པར་ཤོག །

སྤྱི་ལོ་གཅིག་སྟོང་དགུ་བརྒྱ་རེ་བརྒྱད་ཀྱི། །སྤྱི་ཟླ་ལྔ་པའི་ཚེས་བཟང་ཉེར་དགུ་ལུ། །                                    བསམ་བཞིན་སྨོན་ལམ་བཏབ་པའི་འབྲས་བུ་ལས། །ཤེས་ཡོན་ལྟེ་བ་སློབ་དཔོན་སློབ་སྦྱོང་ཆགས། ། 

སྤུས་ཚད་ལྡན་པའི་ཤེས་ཡོན་མཁས་མཆོག་དང་། ཞིབ་འཚོལ་རིག་རྩལ་སློབ་སྟོན་ཐབས་ཤེས་དང་། །                      ཁྱད་རིག་ལྡན་པའི་བསླབ་སྟོན་ཤེས་ཡོན་ཚུ། ཤེས་རིག་གོང་འཕེལ་གཏང་ནིའི་སྦྱོང་བརྡར་ཨིན། །  

       སློབ་སྟོན་རིག་རྩལ་འཕེལ་བའི་ཆོས་ཚན་ཚུ། །བསམ་རྩེ་མཐོ་རིམ་སློབ་གྲྭའི་དགོས་དོན་ཨིན། །                                  མཐོ་རིམ་སློབ་གྲྭ་བཀྲ་ལ་ཤིས་པར་ཤོག །མཐོ་རིམ་སློབ་གྲྭ་གཡང་ལ་ཆགས་པར་ཤོག །

ཡོན་ཏན་ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །སྦྲང་རྩི་བུང་བ་སློབ་མའི་ཚོགས་རྣམས་ལུ། །                              ཆོས་ཚན་གངྒའི་ཆུ་རྒྱུན་བདུད་རྩིས་རླབས། །སློབ་སྟོན་དབྱར་གྱི་ཆར་རྒྱུན་བཟུམ་སྦེ་འབབ། ། 

 ལུས་སྦྱོང་རྩེད་རིགས་རྣམ་པ་མ་འདྲཝ་ཚུ། །ཕུན་ཚོགས་བདེ་བའི་ཐང་ལུ་རྩེད་འགྲན་ཚེ། །                                 རྣམ་དཔྱོད་ཡངས་པའི་རིག་པ་ཤེས་རབ་རྒྱས། །ཤེས་བྱའི་གནས་ལུ་སློབ་མའི་ལུས་སེམས་ངོམ། །

 སྦྱང་པ་མཐར་ཕྱིན་རྒྱལ་ཁབ་མཐའ་དབུས་མེད། །ཕྱི་ནང་ཡོན་ཏན་སྤེལ་བའི་དགའ་སྟོན་གིས། །                          མཐོ་རིམ་སློབ་གྲྭ་བཀྲ་ལ་ཤིས་པར་ཤོག །མཐོ་རིམ་སློབ་གྲྭ་གཡང་ལ་ཆགས་པར་ཤོག །           

 

          



Comments